Events


  དད་དང་དམ་ཚིག་གི་གསེར་ཐག་ཆེས་དམ་ཞིང་། རྣམ་དཀར་དགེ་ཚོགས་རྒྱ་མཚོར་བློ་ཡི་འཇུག་པ་མཆོག་ཏུ་ཡངས་པའི་ལྷ་དང་མིའི་སྡེ་ཁག་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ། འདི་ལོར་ལྷ་རིགས་སྨུག་པོ་ལྡོང་གི་རྒྱུད་པའི་གསེར་ཟམ་རིང་མོ་བར་མ་ཆད་པ། མུ་ཏིག་བསྟར་ལ་རྒྱུས་པའི་མདོ་འཛིན་ལྟ་བུར་གྱུར་པ། བོད་མདོ་ཁམས་ནང་ཆེན་འབྲོང་པའི་ས་སྐྱོང་བླ་མ་འབྲི་གུང་ལམ་ མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག  དགུང་གྲངས་བརྒྱད་ཅུའི་ཐོག་ཕེབས་ཤིང་། འབྲོང་པའི་ཡབ་མེས་མི་རབས་ཐམས་ཅད་ཀྱི་ནང་སྐུ་ཚེ་རིང་ཤོས་ཀྱི་གྲས་སུ་བཞུགས་སྟེ་བདག་སོགས་རྣམས་ལ་བཀའ་དྲིན་གྱི་དཔལ་དུ་ཆེ་བ་འདི་ཉིད། ད་དུང་ཡང་སྐུ་ཚེ་འགྱུར་མེད་རྡོ་རྗེའི་རང་ཁམས་རབ་ཏུ་བརྟན་ཅིང་། འབྱུང་འགྱུར་ཆོས་རིགས་ཀྱི་མཛད་འཕྲིན་ཆུ་བོའི་རྒྱུན་བཞིན། རང་རིགས་ཀྱི་ཁམས་དབང་འཚམས་པའི་གང་འདོད་རེ་འབྲས་འཇོ་བ་སོགས་ཀྱི་ཆེད། ཕྱི་ཟླ་ ༧  ཚེས་ ༨ གཤམ་འཁོད་ཀྱི་གནས་ཡུལ་ཕུན་སུམ་ཚོགས་པར། བླ་སློབ་དད་ལྡན་འདུས་པ་ལྷན་འཛོམས་ཀྱིས། དེང་དུས་དང་མཐུན་པའི་འཁྲུངས་སྐར་བསུ་བའི་དགའ་སྟོན་ཞིག་གོ་སྒྲིག་ཞུ་བ་ལགས་ན། སྐུ་ཉིད་ངེས་ཕེབས་ཡོང་བ་ཞུ་རྒྱུ་དང་། དེ་ལྟར་ཕེབས་གཏན་ཁེལ་ཚེ་ཕྱི་ཟླ་ ༦ པའི་ཚེས་ ༡ ་ལས་མ་འགྱངས་བར་མཚན་ཐོ་གཤམ་གསལ་འབྲེལ་མཐུད་པར་ངེས་གནང་ཡོང་བ་ཞུ།། བྱང་ཨ་རི་སྒམ་པོ་པའི་ཆོས་གླིང་ནས།ཕྱི་ལོ་༢༠༡༧་ཟླ་༤ཚེས་༢ལ།
མཛད་སྒོ་འཚོགས་ཡུལ།
St Pius X Church
24 Changebridge Rd
Montville,NJ07045

ཕྱི་རྒྱལ་འབྲེལ་མཐུད་པ། ཡ་ལེས། This email address is being protected from spambots. You need JavaScript enabled to view it.

བོད་རིགས་འབྲེལ་མཐུད་པ།

ནམ་མཁའ་གཡུལ་རྒྱལ། 847-421-2127

སྒྲུབ་པ་བློ་གྲོས། 401-662-8340

རིག་འཛིན་དབང་རྒྱལ། 917-520-1733

རྡོ་རྗེ་ཚེ་རྒྱལ། 503-819-7274
བསྟན་འཛིན་དབང་རྒྱལ། 510-221-7606

ནང་ཆེན་བཀྲ་ཤིས། 973-814-1509 

Category: